མི་རེ་རེའི་ནུས་པ་བསམ་གྱིས་མི་ཁྱབ།(དབུས་སྐད།)
“སྐད་ཡིག་ནི་མི་རིགས་ཤིག་གི་ངོ་བོ་མཚོན་བྱེད་ཐུན་མོང་མ་ཡིན་པ་དེ་ཡིན་ཞིང་། མི་རིགས་གང་དེའི་སྐད་དང་ཡི་གེའི་ནུས་པ་ཉམ་ང་ཞིང་ཉག་ཕྲ་བའི་དུས་སུ་སླེབས་སྐབས་ང་ཚོ་མི་རེ་རེར་སོ་སོའི་སྐད་ཡིག་མི་ཉམས་དར་སྤེལ་དང་ཉམས་པ་སོར་ཆུད་བྱེད་པའི་འགན་དབང་ཡོད། ང་ཚོས་གཞུང་དང་ཚོགས་པ་གང་རུང་ལ་ལེ་བདའ་བྱེད་རྒྱུ་གཅིག་པུས་སྐད་ཡིག་ཉམས་དམས་སུ་འགྲོ་བཞིན་པའི་དཀའ་ངལ་འདི་སེལ་ཐུབ་པ་ཞིག་མ་རེད། ང་ཚོ་མི་རེ་རེས་ཉིན་རེའི་འཚོ་བའི་ནང་དུ་ཆེ་ཐུབ་ཀྱིས་ཆེན་པོ་དང་ཆུང་ཐུབ་ཀྱིས་ཆུང་ངུ་བྱས་ནས་ང་ཚོའི་སྐད་ཡིག་དར་སྤེལ་གཏོང་རྒྱུར་སྨན་པའི་ལས་ཀྱི་བགྱི་བ་མང་པོ་ལྷུར་ལེན་བྱ་ཐུབ། ང་ཚོས་ཉིན་ལྟར་རང་གིས་རང་ལ་སོ་སོའི་སྐད་ཡིག་དར་སྤེལ་གཏོང་བར་ནུས་པ་ཅི་ཞིག་འདོན་ཐུབ་བམ་ཅེས་དྲི་བ་བཏོན་པ་ཡིན་ན། ང་ཚོ་མི་རེ་རེར་ཡང་རང་གི་སྐད་ཡིག་དར་སྤེལ་གཏོང་རྒྱུའི་ནུས་པ་བསམ་གྱིས་མི་ཁྱབ་པ་རེ་ཡོད། མི་གཅིག་ལ་ཡང་སྤྱི་ཚོགས་ཧྲིལ་བོར་འགྱུར་བ་གཏོང་ཐུབ་པའི་ནུས་པ་ཞིག་ཏན་ཏན་ཡོད་ངེས། རང་ཉིད་ནས་མགོ་རྩོམ་པར་བྱ། དེ་རིང་ནས་མགོ་རྩོམ་པར་བྱའོ།”