ཁྱེད་ཀྱིས་སྲུང་། ང་ཡིས་སྐྱོབ།

“དེང་གི་ཆར་ཁོར་ཡུག་གཙང་མ་ཞིག་ཏུ་འཚོ་བ་རོལ་ཐུབ་རྒྱུ་དང་ཕ་སྐད་གཙང་མ་ཞིག་ཁ་ནས་ལབ་ཐུབ་རྒྱུ་ནི་བོད་པའི་སྤྱི་ཚོགས་སུ་དོ་སྣང་བྱ་ཡུལ་ཆེན་པོ་གཉིས་ཆགས་ཡོད་ཅིང་།ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་ཀ་འདི་ཡང་ཁོར་སྲུང་གི་ཚོགས་པ་བྱེ་བྲག་པ་ཞིག་གི་ལས་འགན་ལྟ་བུ་མ་ཡིན་པར་ང་ཚོ་མི་རེ་རེ་ནས་སྒྲུབ་ཐུབ་པ་ཞིག་དང་འགྲུབ་ངེས་པ་ཞིག་ཡིན་པ་བཞིན།ང་ཚོས་ཁྲིམས་ཀྱིས་གནང་བའི་ཁོར་སྲུང་གི་ཁེ་དབང་ལོངས་སུ་སྤྱད་དེ་ང་ཚོ་དང་ང་ཚོའི་ཁོར་ཡུག་གི་དཀའ་ངལ་དག་ཐབས་ལམ་འདྲ་མིན་བརྒྱུད་ནས་སེལ་བར་བྱ།”

{ང་ལ་གོང་གི་བརྙན་ཐུང་འདི་དག་བཟོ་བར་བསམ་བློའི་མཛུབ་སྟོན་དང་། རྒྱུ་ཆ་འཚོལ་སྒྲུབ། སྒྲིག་སྦྱོར། རྩོམ་འབྲི་བཅས་ཀྱི་མཐུན་འགྱུར་རོགས་རམ་གནང་མཁན་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་ཞུ། མེ་ལོང་གཙོ་སྒྲིག་པས།}