ཁོར་སྲུང་།
“ང་ཚོའི་ཁོར་ཡུག་ཏུ་ཆེ་ས་ནས་གཏེར་ཁ་སྔོག་འདོན་དང་། ཆུ་བོ་བཙོག་བཟོ། ཤིང་ནགས་ཚད་མེད་པར་གཅོད་པ་སོགས་སྐྱེ་ཁམས་ལ་གནོད་པའི་ལས་ཀྱི་སྦྱོར་བ་ཆེན་པོ་རྩོམ་མཁན་དང་། ཆུང་ས་ནས་འགྱིིག་ལ་སོགས་པའི་གད་སྙིགས་ས་ལ་གང་བྱུང་དུ་གཡུག་ནས་བཙོག་སྐྱོན་བཟོ་བཞིན་པ་སོགས་ལས་སུ་བྱ་བ་མང་པོ་ཞིག་གིས་ང་ཚོ་འཚོ་གནས་བྱ་སའི་ཁོར་ཡུག་འདི་ལ་གནོད་པ་ཆེན་པོ་ཐེབས་ཀྱི་ཡོད་ཅིང་། ང་ཚོས་ཁོར་ཡུག་གི་དཀའ་ངལ་འདི་དག་སེལ་བར་རི་རྒྱ་ཀླུང་རྒྱ་བསྡམ་པ་སོགས་བོད་རང་གི་སྲོལ་རྒྱུན་ཁོར་སྲུང་གི་འདུ་ཤེས་ཉམས་སུ་ལེན་རྒྱུ་དང་། དེ་བཞིན་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་ལ་སློབ་སྦྱོང་དང་། གཞུང་འབྲེལ་མ་ཡིན་པའི་ཁོར་སྲུང་གི་ཚོགས་པ་དང་། གསར་འགོད་པ་སོགས་ལ་མཉམ་འབྲེལ་བྱ་རྒྱུ་སོགས་དེང་རབས་ཀྱི་ཐབས་ཤེས་མང་པོ་ཞིག་ཀྱང་བསྟེན་ཐུབ་པ་ཡིན་ན་ཁོར་ཡུག་གི་དཀའ་ངལ་ཆེ་ཆུང་ཅི་ལྟ་བུ་ཞིག་ཡིན་ཀྱང་ང་ཚོ་གང་ལ་དེར་བསྟུན་གྱིས་ཐག་གཅོད་རྒྱུའི་ལམ་ཁ་ཞིག་ཏན་ཏན་ཡོད་ངེས།”
{ང་ལ་གོང་གི་བརྙན་ཐུང་འདི་དག་བཟོ་བར་བསམ་བློའི་མཛུབ་སྟོན་དང་། རྒྱུ་ཆ་འཚོལ་སྒྲུབ། སྒྲིག་སྦྱོར། རྩོམ་འབྲི་བཅས་ཀྱི་མཐུན་འགྱུར་རོགས་རམ་གནང་མཁན་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་ཞུ། མེ་ལོང་གཙོ་སྒྲིག་པས།}