“སྔོན་ཆད་བོད་ལ་གོ་ཁར་བུ་ཡིས་ཁེངས།སྒོ་ཁར་རྒྱུ་ཡིས་ཁེངས་ཅེས་པའི་གཏམ་དཔེ་ཅིག་ཡོད།གཏམ་དཔེའི་དེའི་ནང་དོན་ཡང་ཁྱིམ་ན་བུ་བུ་མོ་མང་པོ་ཡོད་ན་ཁྱིམ་ཚང་ཞིག་གི་རྒྱན་ཏུ་བརྩི།དེང་སྐབས་སྔོན་གྱི་རིན་ཐང་ལྟ་ཚུལ་དེ་ལ་འགྱུར་ལྡོག་བྱུང་ནས་མི་མང་ཆེ་བས་བུ་ཕྲུག་ཉུང་ཉུང་ལས་སྐྱེ་རུ་འཇུག་གི་མེད་མོད། བུ་ཕྲུག་ག་ཚོད་ཡོད་པ་དེ་ལ་ཆུང་དུས་ནས་སློབ་གསོ་སྤྲོད་རྒྱུ་དེ་འགན་འཁུར་ཆེན་པོ་ཞིག་དང་ཁྱིམ་ཚང་ཞིག་གི་རྒྱན་ཏུ་བརྩི་བཞིན་ཡོད། བུ་ཕྲུག་སྐྱོང་སྟངས་ཀྱི་སློབ་གསོའི་གོ་རིམ་ལ་ཡང་བུ་ཕྲུག་མངལ་གྱི་དུས་ན་ཡོད་པའི་དུས་དང་། ཁྱེའུ་ཡིན་པའི་དུས། བྱིས་པ་ཡིན་པའི་དུས་སྐབས་སོགས་ལོ་ཚད་ལ་དཔག་པའི་སློབ་གསོའི་རྣམ་གཞག་ཞིབ་ཅིང་ཕྲ་བ་དག་བོད་ལ་དར་མགོ་ཚུགས་ཡོད་ཅིང་།དམིགས་བསལ་ཉེ་བའི་ལོ་ཁ་ཤས་ཀྱི་ནང་དུ་བྱིས་པའི་དུས་ཀྱི་སློབ་གསོ་གཉེར་མཁན་མང་རུ་ཕྱིན་ནས་བོད་རང་གི་བྱིས་གཉོར་ཁང་ཀྱང་མང་པོ་ཞིག་འབྱུང་བཞིན་པའི་སྐབས་འདིར།བོད་མི་ཚང་མས་ལས་དོན་འདི་ལ་དོ་སྣང་བྱས་ཏེ་བོད་ཀྱི་གྲོང་ཚོ་རེ་རེའི་ནང་དུ་བྱིས་གཉོར་ཁང་རེ་་འཛུགས་ཐུབ་ན་གཅིག་ནས་བྱིས་པའི་སློབ་གསོ་ཡར་རྒྱས་དང་ཕ་མའི་ལས་ཀར་སྟབས་བདེ་སྐྲུན་ཐུབ་པ་མ་ཟད། གཉིས་ནས་བོད་ཀྱི་བྱིས་པ་ཚོས་རང་གི་ཕ་སྐད་མ་ཡིག་ལ་སློབ་ཐུབ་པ་བཅས་ཀྱི་དགེ་མཚན་མང་པོ་ཡོད་པས།གོང་གི་བརྙན་ཐུང་འདི་ཁྱེད་ཅག་གཞེན་སྐུལ་གྱི་ཚུལ་དུ་ཕུལ་བ་དགེ་གྱུར་ཅིག”