རང་ཁ་རང་གསོ།

“ཆེ་བ་རྒྱལ་ཁབ་ནས་ཁྱིམ་ཚང་དང་། ཆུང་བ་མི་སྒེར་རེ་རེ་ཚུན་ཆད་དུ་རང་ཁ་རང་གསོ་དང་རང་མགོ་རང་ཐོན་ནི་འགྲོ་བ་མིའི་སྤྱི་མཐུན་གྱི་ལྡོག་ཏུ་མེད་པའི་འགྲོ་ལུགས་ཤིག་ཡིན་པ་བཞིན། ང་ཚོ་བོད་ལ་མཚོན་ནའང་དེང་སྐབས་ན་གཞོན་མང་པོ་ཞིག་གིས་བོད་རང་གི་ཐོན་ཁུངས་རང་གིས་བེད་སྤྱོད་དང་བོད་རང་ལ་མཁོ་བ་རང་གིས་ཐོན་སྐྱེད་བྱེད་རྒྱུའི་ལས་སྒོ་མང་པོ་ཞིག་གི་མགོ་འཛུགས་བཞིན་པ་ནི་མི་རིགས་འཕེལ་རྒྱས་ཀྱི་ལམ་ཁ་གསར་བ་ཞིག་ཡིན་ཞིང་། བཟང་ཕྱོགས་ཀྱི་ལམ་ཁ་འདིས་ང་ཚོའི་བོད་པ་མི་རབས་གཉིས་ཀྱི་རིང་ལ་སློབ་ཆེན་ཐོན་པའི་སློབ་མ་ཞིག་ཡིན་ཚེ་ཡིན་གཅིག་མིན་གཉིས་གཅིག་ན་གཞུང་ཞབས་དང་། ཡང་ན་དགེ་རྒན་བྱེད་དགོས་པའི་བསམ་བློ་གཏོང་སྟངས་ལ་འགྱུར་བ་བྱུང་སྟེ། ཚོང་དང་ཁེ་ལས་གཉེར་རྒྱུའི་ལམ་ཁ་གཞན་ཞིག་ལའང་ངེས་པ་རྙེད་ཡོད་པ་ནི་ཧ་ཅང་དགའ་འོས་པའི་ལས་དོན་གལ་ཆེན་ཞིག་ཡིན་པས། ན་གཞོན་མང་པོ་ཞིག་རང་གི་དགའ་ཕྱོགས་དང་མཐུན་པའི་འོག་ཁེ་གཉེར་གྱི་ལམ་ཏུ་ཞུགས་པར་ཕ་མ་རྣམས་ཀྱིས་བུ་ཕྲུག་ལ་རྒྱབ་སྐྱོར་དང་དགེ་རྒན་རྣམས་ཀྱིས་སློབ་ཕྲུག་ལ་རྒྱབ་སྐྱོར། དེ་ཡང་སྤྱི་ཚོགས་ཀྱི་ལས་སྒོ་སོ་སོ་ནས་བོད་རང་གི་ཁེ་ལས་ཆེ་ཆུང་ཅི་རིགས་ལ་ཡར་སྐུལ་དང་མི་དམངས་ཡོངས་ཀྱིས་ཁོ་ཚོའི་ཐོན་རྫས་ཉོ་བ་སོགས་ཀྱིས་རྒྱབ་སྐྱོར་བྱས་པ་ཡིན་ན་མ་འོངས་བར་མི་སྒེར་བ་ཙམ་ཟད་སྤྱི་ཚོགས་ཡོངས་ལ་ཕན་པའི་ལས་སྒོ་ཆེན་པོ་རུ་འགྱུར་ངེས་པས་ང་ཚོས་ཚོང་གི་ལས་སྒོ་གསར་བ་གཉེར་མཁན་དག་ལ་སེམས་ཤུགས་སྤར་རྒྱུ་དང་ཁོ་ཚོའི་ཚོང་རྫས་ཉོ་བ་སོགས་སྣ་སྒོ་མོ་ནས་རྒྱབ་སྐྱོབ་དང་ཁ་མིག་ཡར་བལྟ་བྱས་ནས་ཁོ་ཚོ་ལ་སློབ་སྦྱོང་བྱ་རྒྱུ་ཡང་རང་གིས་ནུས་པས་སྲི་ཞུ་སྒྲུབ་སྟངས་ཤིག་ཅི་ལ་མིན།”

{ང་ལ་གོང་གི་བརྙན་ཐུང་འདི་དག་བཟོ་བར་བསམ་བློའི་མཛུབ་སྟོན་དང་། རྒྱུ་ཆ་འཚོལ་སྒྲུབ། སྒྲིག་སྦྱོར། རྩོམ་འབྲི་བཅས་ཀྱི་མཐུན་འགྱུར་རོགས་རམ་གནང་མཁན་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་ཞུ། མེ་ལོང་གཙོ་སྒྲིག་པས།}