སྐྱེས་མའི་སྟོབས།

“ སྐྱེས་མའི་སྟོབས།-རྒྱལ་སྤྱིའི་བུད་མེད་ཀྱི་ཉིན་མོར་འཛམ་གླིང་ས་ཆ་གང་སའི་མི་རྣམས་ཀྱིས་བུད་མེད་རྣམས་ཀྱི་མཛངས་སྤྱོད་ལ་རྗེས་དྲན་དང་མཛད་རྗེས་ལ་ཆེ་མཐོང་སྤྲོད་རྒྱུའི་ལུགས་སྲོལ་ཤིག་ཡོད་པ་བཞིན། ང་ཚོ་བོད་པ་ཚོས་ཀྱང་ཉིན་མོ་འདིར་སོ་སོའི་ཉེ་འཁྲིས་ཀྱི་ཨ་མ་དང་ཆུང་མ། ཨ་ཅེ་དང་ཨ་སྲུ་སོགས་ཀྱིས་སོ་སོའི་བུ་ཕྲུག་སྙོར་སྐྱོང་ནས་བརྩམས་ཏེ། ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་ལོ་རེའི་ཟླ་དང་པོ་ནས་བཅུ་གཉིས་བར་གྱི་ལོ་གཅིག་དང་ཉིན་རེའི་ཞོགས་པ་ནས་དགོང་ཁའི་བར་གྱི་རྨོ་བརྐོ་ནགས་འཐུ་ནས་ཁྱིམ་ལས་ཙག་ཙིག་སོགས་ལ་དམིགས་བསལ་གྱིས་དཀའ་ལས་ཞིག་རྒྱག་བཞིན་པའི་བཟང་སྤྱོད་འདིར་ཕྱིར་རྟོག་བྱས་ནས་དོ་སྣང་དང་མཐོང་ཆེན་སྤྲོད་དགོས་པ་མ་ཟད། ཁོ་ཚོའི་རྫོགས་རྒྱུ་མེད་པའི་ངལ་ལས་ལ་སྐྱེས་པ་ཚོས་ཀྱང་བསམ་ཤེས་དང་འཁུར་མཉམ་ལེན་བྱེད་རྒྱུར་བསམ་བློ་རེ་གཏོང་རྒྱུ་གལ་ཆེ་ཞིང་། དེ་བཞིན་བུད་མེད་རྣམས་ཀྱིས་སྲིད་འབྱོར་རིག་གསུམ་གྱི་སྤྱི་ཚོགས་ལས་སྒོ་ཀུན་ཏུ་བཞག་ཡོད་པའི་མཛད་རྗེས་ལ་རྗེས་སུ་ཡི་རང་ཞུ་རྒྱུ་མ་ཟད། སློབ་སྦྱོང་དང་ལས་ཀ་གང་གི་ངོས་ནས་ཀྱང་བུད་མེད་ཚོར་རྒྱབ་སྐྱོར་དང་གོ་སྐབས་སྤྲོད་རྒྱུ་དང་། དེ་བཞིན་བུད་མེད་ཀྱི་མི་ལུས་ཐོབ་ཐང་དང་འཕྲོད་བསྟེན་བདེ་ཐང་སོགས་ལ་ཡང་དེ་བཞིན་མི་ཚང་མས་དོ་སྣང་བྱ་རྒྱུར་སྙིང་ནས་འབོད་སྐུལ་ཞུ་ཞུ།”

{ང་ལ་གོང་གི་བརྙན་ཐུང་འདི་དག་བཟོ་བར་བསམ་བློའི་མཛུབ་སྟོན་དང་། རྒྱུ་ཆ་འཚོལ་སྒྲུབ། སྒྲིག་སྦྱོར། རྩོམ་འབྲི་བཅས་ཀྱི་མཐུན་འགྱུར་རོགས་རམ་གནང་མཁན་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་ཞུ། མེ་ལོང་གཙོ་སྒྲིག་པས།}